家园
泽旺拉姆
4:54ཁྱབ་སྤེལ། ཉིན་རེའི་བོད་གཞས་ལས་ཤག བྱ་ལ་གསུང་སྐད་ཡག་ལེ།། ཤིང་ལ་དྲི་མ་ཡག་ལེ།། ལྷ་ཡི་བཀའ་ཡིག་ཡག་ལེ།། བསྐོས་པའི་ལས་འཕྲོ་ཡག་ལེ།། ཁྱོད་ནི་ལྷ་བྱ་ཁུ་བྱུག ། ང་ནི་ལྷ་ཤིང་ཤུག་པ།། སྡོད་ས་བྲག་ལས་མེད་ཀྱང་།། མཉམ་འགྲོ་མཉམ་འདུག་བྱེད་ཆོག ། ཞང་ཡ་རེ་ལོ། ཞང་ཡ་རེ་ལོ། སྡོད་ས་བྲག་ལས་མེད་ཀྱང་།། མཉམ་འགྲོ་མཉམ་འདུག་བྱེད་ཆོག ། མཉམ་འགྲོ་མཉམ་འདུག་བྱེད་ཆོག ། ཆུ་ནི་འགྲོ་བ་འདྲེན་པ།། རྩྭ་ནི་པད་མ་རག་ག ། ཉམས་ཀྱི་བཀོད་པ་ཡག་ལེ།། རང་བྱུང་མཛེས་པ་ཡག་ལེ།། ཁྱོད་ནི་ལྷ་མཚོ་ཕྱུག་མོ།། ང་ནི་མེ་ཏོག་པདྨ།། མཚོ་ལ་འགྱུར་བ་མེད་ན།། མེ་ཏོག་འགྱུར་དགོས་མི་འདུག ། ཞང་ཡ་རེ་ལོ། ཞང་ཡ་རེ་ལོ། མཚོ་ལ་འགྱུར་བ་མེད་ན།། མེ་ཏོག་འགྱུར་དགོས་མི་འདུག ། མེ་ཏོག་འགྱུར་དགོས་མི་འདུག ། འགྲོགས་ན་གཤིས་ཀ་ཡག་ལེ།། འདྲིས་ན་སེམས་པ་ཡག་ལེ།། ལྷ་ཡི་ལུང་ཚིག་ཡག་ལེ།། མི་ཡི་གྲོས་ཁ་ཡག་ལེ།། ཁྱོད་ནི་ལ་མོའི་ཕར་ནང་།། ང་ནི་ལ་མོའི་ཚུར་ནང་།། རྒྱུ་ལ་གསེར་དངུལ་མེད་ཀྱང་།། ཚེ་ཡི་གཏམ་རྒྱུད་འབྲི་ཆོག ། ཞང་ཡ་རེ་ལོ། ཞང་ཡ་རེ་ལོ། རྒྱུ་ལ་གསེར་དངུལ་མེད་ཀྱང་།། ཚེ་ཡི་གཏམ་རྒྱུད་འབྲི་ཆོག ། ཚེ་ཡི་གཏམ་རྒྱུད་འབྲི་ཆོག ། ཚེ་ཡི་གཏམ་རྒྱུད་འབྲི་ཆོག །